འདོན་ཐེངསབཞི་བ།
多禾茂乡中心完小教务处编 二0一九年四月十九日
མི་རིགས་མཐུན་སྒྲིལ་དང་དྲིན་གཟོ་བརྗོད་བྱ་བྱས་པའི་རྒྱ་ཡིག་གི་སྙན་ངག་གྱེར་འདོན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་སླེབས་ལ་ཉེ་བའི་བཀྲ་ཤིས་བསྐལ་བཟང་གི་དུས་སྐབས་འདིར། ང་ཚོ་རྡོ་དཀར་མོ་དཀྱིལ་སྙིང་སློབ་གྲྭས་ཀྱང་མི་རིགས་མཐུན་སྒྲིལ་དང་དྲིན་གཟོ་བརྗོད་བྱ་བྱས་པའི་རྒྱ་ཡིག་གི་སྙན་ངག་གྱེར་འདོན་གྱི་བྱ་འགུལ་ཞིག་སྤེལ་བ་རེད།
( དཔྱད་འདེམས་པ་དང་ཚོགས་རའི་ཟུར་ཅིག )
ཐེངས་འདིའི་འགྲན་སྡུར་ལ་ལོ་རིམ་གསུམ་པ་ཡན་གྱི་འཛིན་གྲྭ་རེ་ནས་སློབ་མ་གསུམ་རེ་དང་ཁྱོན་བསྡོམས་སློབ་མ་ཉེར་བདུན་བྱ་འགུལ་ལ་ཞུགས། འགྲན་སྡུར་གྱི་ཚོ་ཆུང་ཡང་ལོ་རིམ་གསུམ་པ་དང་བཞི་བ། ལྔ་བ་དང་དྲུག་པ་བཅས་ཚོ་ཆུང་གཉིས་སུ་བགོས་ཏེ་འགྲན་
སྡུར་བྱས།
( འགྲན་ཞུགས་པ་ཚོས་གྱེར་འདོན་བྱེད་བཞིན་པ )
མཇུག་མཐར་ཚོ་ཆུང་དང་པོའི་སློབ་མ་དཀོན་མཆོག་བཀྲ་ཤིས་དང་། ཚོ་ཆུང་གཉིས་པའི་སློབ་མ་བཀྲ་ཤིས་ལྷ་མོ་སོ་སོར་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། ཚོ་ཆུང་དང་པོའི་སློབ་མ་ཚེ་རིང་སྒྲོལ་མ་དང་པདྨ་དབང་གྲགས། ཚོ་ཆུང་གཉིས་པའི་སློབ་མ་རིན་ཆེན་དཔལ་བཟང་ལ་ཨང་གཉིས་པའི་བྱ་དགའ་ཐོབ་པ་སོགས་སློབ་མ་དགུ་ལ་ཐེངས་འདིའི་གཟེངས་རྟགས་བྱ་དགའ་དང་གཞན་རྣམས་ལ་རྟིང་སྐུལ་བྱ་དགའ་བྱིན་ཏེ་བྱ་འགུལ་རྒྱལ་ཁའི་ངང་མཇུག་རྫོགས་པ་རེད །
( ཐེངས་འདིའི་བྱ་དགའ་ཐོབ་པའི་སློབ་མ་ཡོངས )
ཐེངས་འདིའི་བྱ་འགུལ་བརྒྱུད་སློབ་མ་རྣམས་སྔར་ལས་ལྷག་པའི་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་བ་དང་། མི་རིགས་མཐུན་སྒྲིལ་དགའ་བ། དྲིན་གཟོ་བྱེད་པའི་འདུ་ཤེས་གཏིང་ཟབ་མོ་སྐྱེས་ཡོད།
抄报:县教育工委、县教育科技局、多禾茂乡党委、 学区
抄送:学校各办公室
档(2) 印12份