多禾茂乡中心完小教务处编 二0二0年四月三十日
རིམ་པ་བཞི་བའི་སློབ་ཁྲིད་ཉན་དཔྱད་བྱ་འགུལ།
ངེད་རྡོ་དཀར་མོ་དཀྱིལ་སྙིང་སློབ་གྲྭས་སློབ་ཁྲིད་བྱ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཟླ3པའི་ཚེས28ནས་ཟླ4པའི་
ཚེས30ཉིན་བར་ཏེ་ཟླ་ངོ་གཅིག་ཙམ་གྱི་རིང་ལ༼སློབ་རྗེས་ཁྲིད་སྟོན་དང་ཐུན་ཐོག་སྦྱོང་སེལ༽གྱི་ཁྲིད་ཐབས་དང་རྣམ་པ་གཙིགས་
ཆེན་དུ་བཟུང་སྟེ་སློབ་ཁྲིད་ཉན་དཔྱད་བྱ་འགུལ་སྤེལ་བ་ཡིན།
ཐེངས་འདིའི་སློབ་ཁྲིད་ཉན་དཔྱད་བྱ་འགུལ་ནི་སློབ་གྲྭས་བཀོད་སྒྲིག་དང་སློབ་སྟོན་ཁང་གི་མི་སྣས་སྣེ་ཁྲིད་དེ་རིམ་
པ་བཞི་དང་རིགས་མཐུན་བསླབ་བྱ་ལྟར་དུ་ཚོ་ཆུང་ཡང་བཞི་རུ་བགོས་ཏེ་ཉན་པ་ཡིན་ལ། སློབ་ཁྲིད་ཉན་དཔྱད་བྱ་འགུལ་ཁྲོད་
རིགས་མཐུན་བསླབ་བྱའི་དགེ་རྒན་ཡོངས་གཅིག་ཀྱང་མ་ལུས་པར་སློབ་ཁྲིད་ཉན་དཔྱད་བྱ་འགུལ་ལ་ཞུགས་པ་ཡིན།
ཐེངས་འདིའི་སློབ་ཁྲིད་ཉན་དཔྱད་བྱ་འགུལ་ལ་དགེ་རྒན་ཡོངས་ཀྱིས་ནན་ཏན་གྱིས་ཉན་པ་དང་། བསམ་འཆར་དང་རེ་བ་ལྷུག་པོར་བརྗོད་དེ་དཔྱད་བརྗོད་བྱས་པས། ༼ སློབ་རྗེས་ཁྲིད་སྟོན་དང་ཐུན་ཐོག་སྦྱོང་སེལ ༽ གྱི་ཁྲིད་ཐབས་ཇེ་ལེགས་དང་སྲ་བརྟན་དུ་གཏོང་
བར་ནུས་པ་ཆེན་པོ་ཐོན་ཡོད།
抄报:县教育工委、县教育科技局、多禾茂乡党委、 学区抄送:学校各办公室
档(2) 印12份
多禾茂乡中心完小教务处编 二0二0年四月十七日
རིམ་པ་གཉིས་པའི་སློབ་ཁྲིད་ཉན་དཔྱད་བྱ་འགུལ།
ངེད་རྡོ་དཀར་མོ་དཀྱིལ་སྙིང་སློབ་གྲྭས་རིམ་པ་དང་པོའི་སློབ་ཁྲིད་ཉན་དཔྱད་སྐབས་ཀྱི་གནད་དོན་ལ་ དམིགས་ཏེ་རྫོང་སློབ་དཔྱོད་ཁང་གི་ཀྲུའུ་རིན་སྐལ་བྷ་ལགས་ཡང་བསྐྱར་གདན་ཞུ་བྱས་ཏེ༼ སློབ་རྗེས་ཁྲིད་སྟོན་ དང་། ཐུན་ཐོག་སྦྱོང་སེལ ༽སྐོར་གྱི་ཁྲིད་ཐབས་འཆད་ཁྲིད་བྱས་པ་ཡིན་། དེ་དང་མཉམ་དུ་ནན་ཏན་དང་གཙིགས་ཆེན་སྒོས་རིམ་པ་གཉིས་པའི་སློབ་ཁྲིད་ཉན་དཔྱད་བྱ་འགུལ་སྤེལ་བ་ཡིན།
ཐེངས་འདིའི་སློབ་ཁྲིད་ཉན་དཔྱད་བྱ་འགུལ་ནི་ཐེངས་སྔོན་མ་དང་བསྡུར་ན་སློབ་ཁྲིད་ཀྱི་ཐབས་ལམ་ སོགས་ཕྱོགས་གང་ཐད་ནས་ཇེ་ལེགས་སུ་སོང་ཡོད་པས། སློབ་ཁྲིད་བྱ་བར་ཕན་འབྲས་མི་དམན་པ་བླངས་ཡོད།
抄报:县教育工委、县教育科技局、多禾茂乡党委、 学区
抄送:学校各办公室
档(2) 印12份
多禾茂乡中心完小教务处编 二0二0年三月二十九日
རིམ་པ་དང་པོའི་སློབ་ཁྲིད་ཉན་དཔྱད་བྱ་འགུལ།
ཏོག་དབྱིབས་ནད་དུག་གསར་བའི་རིམ་ནད་གྱི་དབང་གིས་སློབ་འགོ་དུས་ལྟར་རྩོམ་མ་ཐུབ་ནའང་། ཟླ3པའི་ཚེས28ཉིན་ ནས་བཟུང་སྟེ་སློབ་གཙོ་མཁའ་འགྲོ་འབུམ་གྱིས་སྣེ་ཁྲིད་དེ་སློབ་གཙོ་གཞོན་པ་ཚེ་རིང་རྒྱལ་དང་། རྡོ་རྗེ་རྣམ་རྒྱལ། སློབ་སྟོན་ཀྲུའུ་རིན་ སྐལ་བཟང་ཚེ་རིང་བཅས་ཀྱིས་སློབ་ཁྲིད་བྱ་བ་གཙིགས་ཆེན་དུ་བཟུང་སྟེ་དུས་ངེས་མེད་དུ་དགེ་རྒན་དག་གི་སློབ་ཁྲིད་ལ་ཉན་པ་རེད།
ཐེངས་འདིའི་སློབ་ཁྲིད་ཁྲོད་གཏོར་གཟུགས་དབྱིབས་ཀྱི་སློབ་ཁྲིད་ཀྱི་དགོངས་དོན་དང་། ལྷག་པར་དུ་སློབ་རྗེས་ཁྲིད་སྟོན་དང་། ཐུན་ཐོག་སྦྱོང་སེལ་གྱི་སློབ་ཁྲིད་ཐབས་ལམ་གཙིགས་ཆེན་དུ་བཟུང་སྟེ་ཉན་པ་རེད།
མཇུག་མཐར་དགེ་རྒན་ཡོངས་སློབ་གྲྭའི་གྲོས་ཚོགས་ཁང་དུ་བསྡུས་ཏེ་ཐེངས་འདིའི་སློབ་ཁྲིད་ལ་དཔྱད་བརྗོད་དང་འབྲེལ‘སློབ་རྗེས་ཁྲིད་སྟོན་དང་ཐུན་ཐོག་སྦྱོང་སེལ’གྱི་ཁྲིད་ཐབས་ལ་ཤུགས་སྣོན་བྱེད་དགོས་པ་ནན་བཤད་བྱས་པ་རེད།
抄报:县教育工委、县教育科技局、多禾茂乡党委、 学区
抄送:学校各办公室
档(2) 印12份 听课活动